རིག་པ་

མིང་ཚིག

1 བློའམ་ཤེས་པའི་དོན།

དཔེར་ན། བློ་དང་རིག་པ་ཤེས་པ་རྣམས་དོན་གཅིག་ལྟ་བུ།

2 མཁས་པར་བྱ་བའི་གནས་ཏེ།

དཔེར་ན། ས་པཎ་གྱིས། རིག་པ་ནངས་པར་འཆི་ཡང་བསླབ་ཅེས་པ་ལྟ་བུ།

3 ཤེས་པའམ་རྟོགས་པའི་དོན།

དཔེར་ན། དམངས་ལ་དཀའ་ངལ་ཡོད་པར་རིག་པ་ལྟ་བུ།

4 མིག་གིས་མཐོང་བའི་དོན།

དཔེར་ན། མིག་གིས་གཟུགས་རིག་པ། མཚན་མོ་གཟུགས་རིག་པ་ལྟ་བུ།

5 དཀོན་ཅོག་འགྲེལ་ལས། དོན་ལེགས་པར་སྒྲུབ་པར་བྱེད་པའི་ནུས་པ་དང་ལྡན་པ་གང་ཡིན་པ་དེ་ནི་རིག་པ་ཞེས་བྱའོ། །དེ་ལྟ་བུ་ཤེས་པ་གང་གི་དོན་གང་མཚན་མ་དང་རྟགས་སུ་བྱས་པ་དེ་ལ་ཡང་རིག་པ་ཞེས་བྱ་བའི་སྒྲ་འཇུག་སྟེ། འདི་དག་ནི་རིག་པ་ཐམས་ཅད་ཀྱི་སྤྱིར་ཤེས་པར་བྱའོ། །ཞེས་གསུངས་ལ། རྒྱས་པར་ནྱཡ་ལ་གཟིགས།

6 ཚད་མ། དངོས་པོ་ལ་ངོ་བོའི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཉིས་པའི་མཚན་ཉིད། ཡུལ་རིག་པ། ཞེས་གསུངས། དོན་གཅིག་ལ། བློ་དང་། རིག་པ། ཤེས་པ་རྣམས་སོ།།

7 ཆོས་ལུགས། མདོ། ལམ་བདེན་གྱི་ཁྱད་ཆོས་སུ་གྱུར་པའི་རིག་པ་ཞེས་པ་ནི་བདག་མེད་རྟོགས་པའི་མཁྱེན་པ་ཐར་ལམ་མ་ཡིན་པར་འཛིན་པའི་ལོག་རྟོག་གི་གཉེན་པོར་མདོ་ལས་གསུངས་ཞིང། རང་གི་སྤང་བྱའི་ཉོན་མོངས་པའི་གཉེན་པོ་བྱེད་པས་ན་རིག་པ་ཞེས་བརྗོད་དེ། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ལམ་གྱི་བདེན་པ་ནི། རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དངོས་སུ་སྤོང་བའི་གཉེན་པོ་བར་ཆད་མེད་ལམ་དང། དེའི་སྤངས་པ་ལ་དབང་བྱེད་པ་རྣམ་གྲོལ་ལམ་དང་གཉིས་ཀྱིས་བསྡུས་པའི་འཕགས་པའི་ཡེ་ཤེས་རྣམས་ཡིན་ལ། དེ་ལ་ཡང་ཐར་ལམ་གཏན་མེད་དུ་འཛིན་པ་དང། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་མ་ཡིན་པར་འཛིན་པ་དང། དེ་ཡུལ་གྱི་གནས་ལུགས་ལ་ལོག་པར་ཞུགས་པར་འཛིན་པ་དང། དེས་སྡུག་བསྔལ་གཏན་ནས་ཟད་པར་བྱེད་མི་ནུས་པར་འཛིན་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོར་བསྒོམ་པར་བྱ་པ་ལམ་གྱི་བདེན་པའི་རྣམ་པ་བཞི་སྟེ། འདི་ལྟར། བགྲོད་པར་བྱེད་པའི་དོན་གྱིས་ན་ལམ་དང། ཉོན་མོངས་པའི་གཉེན་པོ་བྱེད་པས་ན་རིགས་པ་དང། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་དོན་གྱིས་ན་སྒྲུབ་པ་དང། རྟག་པའི་གནས་སུ་གདོན་མི་ཟ་བར་ཕྱིན་པར་བྱེད་པས་དོན་གྱིས་ན་ངེས་འབྱིན་གྱི་རྣམ་པ་དང་བཞིའོ། །རྟག་པའི་གནས་ཞེས་པ་ནིསླར་མི་ལྡོག་པའི་གནས་གྱི་དོན་ནོ། །ཞེས་གསུངས།

--

རིག་པ་ཁུ་བྱུག་ཆེ་བ་

མིང་ཚིག

སྔོན་རྒྱ་གར་གྱི་མཁས་པ་ཞིག་སྟེ། སྐུ་གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་། ལོ་ལོན་ནས་བསྙེན་པར་རྫོགས། བི་ཀ་མ་ལ་ཤཱི་ལར་སྡེ་སྣོད་གསུམ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། སློབ་དཔོན་ཟླ་བ་གྲགས་པ་ལས་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་མདོ་སྔགས་ཀྱི་མན་ངག་རྣམས་རྫོགས་པར་གསན། ནང་དུ་མན་ངག་འཇོག་པ་ལ་རྩེ་གཅིག་ཏུ་བཞུགས་ཏེ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལ་ཉམས་རྟོགས་ཕུལ་དུ་ཕྱིན་པ་ཐོབ། ཇོ་བོ་རྗེ་ཨ་ཏི་ཤ་ཡང་བླ་མ་ཡིན་པར་གྲགས་ཞེས་ལམ་རིམ་བླ་མ་བརྒྱུད་པའི་རྣམ་མཐར་ལས་གསུངས།

--

རིག་པ་གཞོན་ནུ་

མིང་ཚིག

དུས་རབས་བཅུ་གཅིག་པའི་སྨད་དུ་འཁྲུངས། བོད་ཡུལ་ནས་ཐོག་མར་ཐོས་བསམ་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་བཅས་སུ་རྒྱ་གཞུང་དང་ལེགས་སྦྱར་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་དང་། དཀྱིལ་འཁོར་སྤྱིའི་རིམ་པ། རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་ཆོ་ག འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་སྒྲུབ་ཐབས། ལས་ཀུན་གྱི་གཏེར་གྱི་འགྲེལ་བ་བཅས་བཞུགས།

--

རིག་པ་གསལ་ཙམ་གྱི་རྒྱུན་

མིང་ཚིག

ཚད་མ། གསལ་བ་བསྐྱེད་ལ་རྒྱུ་ཚང་ཞིང་། །གེགས་མེད་ཕྱིར་ན་བསྐྱེད་པར་ངེས། །ཞེས་བྱ་བ། སེམས་གསལ་བ་ཙམ་གྱི་སྐད་ཅིག་གཉིས་པ་བསྐྱེད་པ་ལ་སེམས་ལས་གཞན་གློ་བུར་གྱི་དྲི་མར་གྱུར་པའི་རྒྱུ་གཞན་མི་དགོས་པས་རྒྱུ་ཚང་ཞིང་བདག་འཛིན་གྱི་གེགས་བདག་མེད་ལྟ་བུ་གཞན་མེད་པས་བསྐྱེད་ངེས་སོ། །དེས་ན་གང་གེགས་མེད་ཅིང་རྒྱུ་གཞན་ལ་ལྟོས་པ་མེད་པ་དེ་འབྲས་བུ་ཕྱི་མ་བསྐྱེད་ངེས་ཏེ་གེགས་མེད་ཅིང་ཚོགས་པ་ཚང་བའི་ས་བོན་བཞིན། སེམས་གསལ་བ་ཙམ་ཡང་གེགས་མེད་ཅིང་གསལ་བ་ལས་རྒྱུ་གཞན་ལ་ལྟོས་པ་མེད་དོ་ཞེས་བྱ་བ་རང་བཞིན་གྱི་རྟགས་སོ། །འོ་ན་སེམས་གསལ་བ་ལ་རྒྱུ་གཞན་མི་དགོས་མོད། གཉིད་དང་བརྒྱལ་བ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་གེགས་ཅིའི་ཕྱིར་མེད་ཅེ་ན། དེ་དག་འཇུག་པའི་རྣམ་ཤེས་གསལ་བའི་གེགས་ཙམ་ཡིན་གྱི། ཀུན་གཞིའི་རྣམ་ཤེས་གསལ་བའི་གེགས་སུ་མི་འདོད་པས་སྐྱོན་མེད་དོ། །འོ་ན་འཁོར་བ་ལས་གྲོལ་ཡང་སེམས་གསལ་བ་རྒྱུན་མི་འཆད་ན། གསལ་བ་གཞན་དབང་མི་རྟག་པ་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་པར་མི་འགྱུར་རམ་ཞེ་ན། ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུར་གནས་གྱུར་པ་ན། མངོན་པར་འདུ་བྱེད་པ་ཐམས་ཅད་ལས་གྲོལ་བ་ཞེས་གསུངས་པའི་ཕྱིར་དང་། ཆོས་ཀྱི་གྲགས་པས་ཀྱང་གནས་གྱུར་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་གསུངས་པས་སོ་སོ་སྐྱེ་བོ་ལ་བརྗོད་པའི་སྐྱོན་ག་ལ་འབྱུང་ངོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། གསལ་བ་ཙམ་ཐུག་མེད་དུ་སྒྲུབ་པ་ནི། དགྲ་བཅོམ་པ་འཆི་ཀའི་རིག་པ་ཆོས་ཅན། རང་འབྲས་གསལ་རིག་ཕྱི་མ་སྐྱེད་པར་ངེས་ཏེ། གསལ་བ་ཙམ་སྐྱེད་བ་ལ་རྒྱུ་ཚོགས་ཚང་ཞིང་། གེགས་མེད་པའི་ཕྱིར་ནའོ། །འདི་སྐབས་ཀྱི་རྟེན་བརྟན་པར་སྒྲུབ་བྱེད་ཀྱི་གཙོ་བོ་ནི་འདི་ཉིད་ཡིན་ལ། མ་རིག་པ་མ་སྤངས་པ་དེ་སྲིད་དུ་འཁོར་བ་འབྱུང་རུང་དུ་བསྒྲུབ་པ་དེ་ནི། གཞུང་འདིར་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པ་ཡིན་པ་ལྟ་བུར་གསུངས་ཀྱང་། སྙིང་རྗེ་སྐྱེ་བ་དུ་མར་གོམས་པ་མི་སྲིད་པའི་རྩོད་ལན་དུ་སྦྱར་ན་ལེགས་ཏེ། རྣམ་འགྲེལ་ལས་དེ་ལྟར་གསུངས་པས་སོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་གི་སྡེ་བདུན་རོལ་མཚོ་ལས་སོ། །

--

རིག་པ་གསལ་ལ་མ་གསལ་

མིང་ཚིག

རིག་པ་ས་བེ་སིབ་བེ་སྟེ། གསལ་པོ་དེ་ཙམ་མེད་པའི་དོན།

དཔེར་ན། རིག་པ་གསལ་ལ་མ་གསལ་ཞིག་བྱས་ནས་སློབ་སྦྱོང་ཡག་པོ་བྱེད་མི་ཐུབ་ཅེས་པ་ལྟ་བུ།

--

རིག་པ་གསུམ་

མིང་ཚིག

ཆོས་ལུགས། མདོ། མངོན་པ། རིག་པ་གསུམ་བཤད་དུ་ཡོད་དེ། མི་སློབ་པའི་རྒྱུད་ཀྱི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱིས་སྔོན་གྱི་མཐའ་རིག འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས་ཀྱིས་ཕྱི་མའི་མཐའ་རིག ཟག་ཟད་ཀྱི་མངོན་ཤེས་ཀྱིས་ད་ལྟར་བའི་མཐའ་རིག་པའི་ཆ་ནས་དེ་གསུམ་རིམ་པ་བཞིན་དུ་སྔོན་གྱི་མཐའ་རིག་པ་སོགས་སུ་འཇོག་པའི་ཕྱིར། དེ་གསུམ་གྱི་བྱེད་ལས་ཀྱང་ཡོད་དེ། དེ་ལྟར་རིག་པའི་སྒོ་ནས་དུས་གསུམ་ལ་རྨོངས་པ་ཟློག་པར་བྱེད་པའི་ཕྱིར། རིག་པ་དེ་གསུམ་ལ་མི་སློབ་པའི་རིག་པ་ཞེས་བྱ་སྟེ། ཟག་ཟད་ཀྱི་དེ་མི་སློབ་པའི་རིག་པ་དངོས་དང་། ཕྱི་མ་གཉིས་མི་སློབ་པའི་རྒྱུད་ལ་སྐྱེས་པས་ན་མི་སློབ་པ་ཞེས་བརྗོད་པ་ཙམ་ཡིན་ཅིང་། སློབ་པ་ཆགས་བྲལ་གྱི་མངོན་ཤེས་ནི་རྒྱུད་མ་རིག་པ་མངོན་གྱུར་དང་བཅས་པས་རིག་པར་མ་བཤད་པའི་ཕྱིར།

--

རིག་པ་གསུམ་པ་

མིང་ཚིག

མངོན་བརྗོད། སངས་རྒྱས་ཀྱི་མཚན་ཏེ། སྔོན་གནས་རིག་པ་དང་། སྐྱེ་འཆིའི་རིག་པ་དང་། ཟག་ཟད་རིག་པ་གསུམ་ལ་མངའ་བརྙེས་པས་སོ། །

--

རིག་པ་ངོ་བོ་དོན་གྱི་རྟ་སྐད་

མིང་ཚིག

ཆོས་ལུགས། སྔགས། མ་ཧཱ་ཡོ་ག རྙིང་མ། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པ་བསྟན་པའི་སྐབས་ནས་གསུངས་པའི་རྟ་སྐད་དེ་དག་ཐམས་ཅད་ཀྱི་དོན་བསྡུས་ན། རྟ་སྐད་ལྟ་བར་དགོངས་པ་དང༌། རྟ་སྐད་སྤྱོད་པར་དགོངས་པ་གཉིས་སུ་འདུ་ལ། དང་པོ་ལ་ངོ་བོ་དོན་གྱི་རྟ་སྐད་དང་། གསང་སྔགས་གནད་ཀྱི་རྟ་སྐད་གཉིས་ལས། དང་པོ་ལའང། རང་བཞིན་ངོ་བོ་དོན་གྱི་རྟ་སྐད། རིག་པ་ངོ་བོ་དོན་གྱི་རྟ་སྐད། གཉིས་སུ་མེད་པའི་ངོ་བོ་དོན་གྱི་རྟ་སྐད་གསུམ་གྱི་གཉིས་པ་སྟེ། བཀའ་བརྒྱད་རྣམ་བཤད་ལས། དང་པོ་ནི་ཆོས་ཐམས་ཅད་མ་བཅོས་མཉམ་པ་ཉིད་ངེས་པ་དོན་གྱི་རྟ་མགྲིན་དུ་རྟོགས་པའོ། །གཉིས་པ་དེའི་ངང་ལས་རང་རིག་པ་དཔལ་ཆེན་པོ་རྟ་མགྲིན་གྱི་སྐུར་ཡེ་ནས་མ་བཅོས་པར་གསལ་བའོ། །གསུམ་པ་དེ་ལྟ་བུའི་སྣང་སྟོང་ཐབས་ཤེས་བདེན་གཉིས་དབྱིངས་ཡེ་རྣམས་གཉིས་སུ་མེད་པ་གཉིས་མེད་བདེ་བ་ཆེན་པོ་དཔལ་རྟ་མགྲིན་གྱི་དཀྱིལ་འཁོར་དུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྟོགས་པ་ནི་ངོ་བོ་དོན་གྱི་རྟ་སྐད་དེ་ལྟ་བ་བསྟན་པའོ། །ཞེས་གསུངས།

--

རིག་པ་ཅན་

མིང་ཚིག

1 ཆོས་ལུགས། རྒྱ་གར་གྱི་ཕྱི་རོལ་པའི་སྟོན་པ་དྲང་སྲོང་རྐང་མིག་གི་གྲུབ་མཐའ་བ།

2 མི་བློ་གྲོས་ཅན་ནམ་ཤེས་རབ་ཅན།

དཔེར་ན། ཚང་མའི་ནང་ནས་རིག་པ་ཅན་སུ་རེད་ཅེས་པ་ལྟ་བུ།

--

རིག་པ་ཅན་གྱི་རྒྱལ་པོ་ལས་དམྱལ་བ་དང་ཡི་དྭགས་ཀྱི་རྒྱལ་པོ་བཅུ་

མིང་ཚིག

ཆོས་ལུགས། ༡ དམྱལ་བའི་རྒྱལ་པོ་རཀྴ་གླང་མགོ་ཅན་ནི། དེ་ཡང་རིན་ཆེན་སྤུངས་པ་ལས། དམྱལ་བའི་རྒྱལ་པོ་རཀྴ་གླང་མགོ་ཅན། ཁྱད་པར་དགེ་སྡིག་གཉིས་ཀྱི་ཞལ་ལྕེ་གཅོད། །ཅེས་དང་། ༢ ཡི་དྭགས་རྒྱལ་པོ་བྱིངས་ན་གནས་པ་ཁ་འབར་མ་ནི། ཡི་དྭགས་རྒྱལ་པོ་ལ་དབྱེ་ན་རྣམ་པ་གཉིས། བྱིངས་ན་གནས་དང་མཁའ་ལ་རྒྱུ་བ་གཉིས་སོ། །བྱིངས་ཀྱི་རྒྱལ་པོ་ཁ་ལ་མེ་འབར་མ། །ཁྱད་པར་ཁ་ཡི་ནང་ནས་མེ་ལྕེ་འབར། །ཞེས་དང་། ༣ གཟའི་རྒྱལ་པོ་ཁྱབ་འཇུག་ནི། གཟའི་རྒྱལ་པོ་ཁྱབ་འཇུག་ཆེན་པོ་ཡིན། །ཁྱད་པར་ཉི་མ་ཟླ་བ་ལྟོ་རུ་ཟ། །འཁོར་དུ་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །ཞེས་དང་། ༤ བདུད་ཀྱི་རྒྱལ་པོ་བྱེ་བ་གུང་རིང་ནི། བདུད་ཀྱི་རྒྱལ་པོ་བྱེ་བ་གུང་རིང་ཡིན། །ཁྱད་པར་སྲིད་པ་གསུམ་གྱི་སྲོག་ལ་དབང་། །ཞེས་དང་། ༥ སྲིན་པོའི་རྒྱལ་པོ་གཉའ་རིང་ཕྲག་མེད་ནི། སྲིན་པོའི་རྒྱལ་པོ་གཉའ་རིང་ཕྲག་མེད་ཡིན། །ཁྱད་པར་ཕྲག་པའི་ཁ་ན་མིག་རེ་ཡོད། །ཅེས་དང་། ༦ བཙན་གྱི་རྒྱལ་པོ་ཡམ་ཤུད་དམར་པོ་ནི། བཙན་གྱི་རྒྱལ་པོ་ཡམ་ཤུད་དམར་པ་ཡིན། །ཁྱད་པར་བཙན་བྲན་མང་པོ་འཁོར་དུ་བསྡུས། །ཞེས་དང་། ༧ ཀླུའི་རྒྱལ་པོ་ཆར་འབེབས་ཆེན་པོ་ནི། ཀླུ་ཡི་རྒྱལ་པོ་ཆར་འབེབས་ཆེན་པོ་ཡིན། །ཐུགས་ཀྱི་དཀྱིལ་འཁོར་ལྟེ་བའི་དཀྱིལ་དང་ལྔ། །ནོར་བུ་རིན་ཆེན་ལྔ་ཡི་རྒྱན་ཆ་ཡོད། །ཅེས་དང་། ༨ གཉན་གྱི་རྒྱལ་པོ་ཁ་བྱང་རྒྱལ་བ་ནི། གཉན་གྱི་རྒྱལ་པོ་ཁ་བྱང་རྒྱལ་བ་ཡིན། །ཁྱད་པར་གཉན་དང་མི་ཡི་ཤགས་འགྱེད་ཡིན། །ཞེས་དང་། ༩ རྒྱལ་པོའི་རྒྱལ་པོ་ལི་བྱིན་ཧ་ར་ནི། རྒྱལ་པོའི་རྒྱལ་པོ་ལི་བྱིན་ཧ་ར་ཡིན། །ཁྱད་པར་འཛམ་བུ་གླིང་ལ་དབང་བྱེད་ཡིན། །ཞེས་དང་། ༡༠ ཐེ་རངས་རྒྱལ་པོ་རྡོ་རྗེ་ལེགས་པ་ནི། ཐེ་རངས་རྒྱལ་པོ་རྡོ་རྗེ་ལེགས་པ་ཡིན། །ཁྱད་པར་གནམ་ཐེ་བར་ཐེ་ས་ཐེ་གསུམ། །འབངས་སུ་བསྡུས་ནས་བྲན་དང་གཡོག་ཏུ་བཀོལ། །ཞེས་པའོ། །

--

རིག་པ་ཅན་གྱི་རྒྱལ་པོ་ལས་མཐོ་རིས་ཀྱི་རྒྱལ་པོ་བཅུ་

མིང་ཚིག

༡ ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས། ༢ སྟོང་ས་འཛིན་གྱི་རྒྱལ་པོ་ཕྱོགས་བཞིའི་རྒྱལ་པོ་བཞི། ༣ སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན་གཉིས། ༤ མིའི་རྒྱལ་པོ་ལ་གསུམ་སྟེ། གདུང་རྒྱུད་ཀྱི་རྒྱལ་པོ། བསྐོས་པའི་རྒྱལ་པོ། གློ་བུར་གྱི་རྒྱལ་པོ་བཅས་མཐོ་རིས་ཀྱི་རྒྱལ་པོ་བཅུའོ།

--

རིག་པ་ཆོས་ཉིད་གནས་པའི་ཚད་དྲུག་

མིང་ཚིག

ཆོས་ལུགས། དད་པའི་ངང་ལ་ཁམས་སོས་ཡལ་ལེ་བ། །གནས་ལུགས་ངང་ལ་ལྷུན་ཆགས་མེར་རེ་བ། །བསམ་གཏན་ངང་ལ་བརྗིད་ཆགས་ལྷན་ནེ་བ། །ཉམས་མྱོང་ངང་ལ་བཀྲག་ཕྱིན་སལ་ལེ་བ། །ཆོས་ཉིད་ངང་ལ་དྭངས་ཆགས་སང་ངེ་བ། །རང་རིག་ངང་ལ་ངར་ཆགས་ཧུར་རེ་བ། །དེ་ལྟར་བསྒོམས་པས་ཡེ་ཤེས་རིག་པའི་ཀློང༌། །ཞེས་གསུངས།

--

རིག་པ་ཐོལ་སྐྱེས་

མིང་ཚིག

ཆོས་ལུགས། དགོངས་པའི་ཡེ་ཤེས་ཐོལ་བྱུང་དུ་སྐྱེ་པའམ་གློ་བུར་དུ་བརྡོལ་བ།

--

རིག་པ་དང་གྲོལ་བ་མ་ཐོབ་པ་ཐོབ་པར་བྱ་བའི་ལམ་རྣམ་པ་བཞི་

མིང་ཚིག

ཆོས་ལུགས། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། དབང་པོ་བསྒོམས་པས་ལུས་བསྒོམ་པ། ལུས་བསྒོམས་པས་དྲངས་པའི་ལེགས་པར་སྤྱོད་པ་སྟེ། ཚུལ་ཁྲིམས་བསྒོམ་པ་གང་ཡིན་པ། ཚུལ་ཁྲིམས་བསྒོམས་པས་དྲངས་པའི་དྲན་པ་ཉེ་བར་གཞག་པའི་བྱང་ཆུབ་ཀྱི་ཡན་ལག་བསྒོམས་པས་སེམས་བསྒོམ་པ། ཤེས་རབ་བསྒོམ་པ་གང་ཡིན་པའོ། །

--

རིག་པ་དང་ཞབས་སུ་ལྡན་པ་

མིང་ཚིག

ཆོས་ལུགས། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཞིག་སྟེ། རིག་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཞབས་སུ་ལྡན་པ་ནི་བསླབ་པ་གསུམ་དང་ལྡན་པའི་དོན་གྱིས་བསླབ་པ་གསུམ་གྱི་ཞབས་ལ་བརྟེན་ནས་བྱང་ཆུབ་བརྙེས་པའོ། ། བསླབ་པ་གསུམ་དང་སྦྱར་ན་ལྷག་པའི་ཤེས་རབ་ནི་རིག་པ། ལྷག་པའི་སེམས་དང་ལྷག་པའི་ཚུལ་ཁྲིམས་ནི་རྐང་པ། འཕགས་པའི་ལམ་ཡན་ལག་བརྒྱད་དང་སྦྱར་ན། ཡང་དག་པའི་ལྟ་བ་ནི་རིག་པ། ལྷག་མ་བདུན་ནི་རྐང་པ་སྟེ། རིག་པ་མིག་དང་འདྲ་བས་མཚོན་ནས་རྐང་པས་ཕྱིན་ཅིང་ཐོབ་པར་འགྱུར་བས་ན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱའོ།

--

རིག་པ་དང་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་བཞི་

མིང་ཚིག

ཆོས་ལུགས། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ དྲན་པ། ༢ མིག་དང་ཤེས་རབ་ཀྱིས་ནི་རིག་པ་མངོན་སུམ་དུ་བྱེད། ༣ ལུས་ཀྱིས་ནི་མི་བསྐྱོད་པ། ༤ དུས་ཀྱིས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། །

--

རིག་པ་དབང་སྒྱུར་ལ་གནས་པའི་ལེའུ་

མིང་ཚིག

བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།

--

རིག་པ་དབྱིངས་ཀྱི་སྒྲོན་མ་

མིང་ཚིག

ཆོས་ལུགས། རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་མན་གི་སྐབས་ཀྱི་སྒྲོན་མ་བཞིའི་ནང་གསེས་ཏེ། ནང་དབྱིངས་ཕྱི་རུ་གསལ་བའི་གདངས་འཆར་གཞིའོ། །

--

རིག་པ་དྭངས་གསལ་

མིང་ཚིག

བློ་གྲོས་ཤིན་ཏུ་གསལ་བའི་དོན།

དཔེར་ན། རིག་པ་དྭངས་གསལ་གྱི་སྒོ་ནས་གནད་དོན་ལ་དབྱེ་ཞིབ་བྱ་དགོས་ཞེས་པ་ལྟ་བུ།

--

རིག་པ་ཕུལ་བའི་ལེའུ་

མིང་ཚིག

དཔལ་ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།

--

རིག་པ་བཅུ་

མིང་ཚིག

ཆོས་ལུགས། སྔགས། ཨ་ནུ་ཡོ་ག རྙིང་མ། ས་བཅུའི་དོན་རྟོགས་པའི་རིག་པ་བཅུ་སྟེ། མི་གོས་པར་རིག་པ་དང། མི་ཉམས་པར་རིག་པ་དང། མི་སྒྲིབ་པར་རིག་པ་དང། རྫོགས་པར་རིག་པ་དང། མ་གཡོས་པར་རིག་པ་དང། མཉམ་པ་ཉིད་དུ་རིག་པ་དང། གཉིས་སུ་མེད་པར་རིག་པ་དང། ཡོངས་སུ་དག་པར་རིག་པ་དང། ཀུན་ཏུ་ལེགས་པར་རིག་པ་དང། དེ་མ་ཐག་པར་རིག་པ་བཅས་བཅུའོ། །

--

རིག་པ་བཅུ་གཅིག་

མིང་ཚིག

ཆོས་ལུགས། ཐེག་པ་ཆེན་པོའི་མཚན་ཉིད་ཀུན་ལས་བསྡུས་པ་ལས་བྱུང་བ་སྟེ། ༡ སྲ་བ། ༢ སྙི་བ། ༣ དྲོ་བ། ༤ གྲང་བ། ༥ བཏང་སྙོམས། ༦ ལྕི་བ། ༧ ཡང་བ། ༨ འཇམ་པ། ༩ རྩུབ་པ། ༡༠ བཀྲེས་པ། ༡༡ སྐོམ་པ་བཅས་སོ། །

--

རིག་པ་བཞི་

མིང་ཚིག

ཆོས་ལུགས། སྔགས། མ་ཧཱ་ཡོ་ག རྙིང་མ། རིག་པ་བཞི་ནི། སོ་སོ་ཡང་དག་པ་རིག་པ་བཞི་སྟེ། ཆོས་སོ་སོར་ཡང་དག་པར་རིག་པ་དང་། ཚིག་སོ་སོར་ཡང་དག་པར་རིག་པ་དང་། སྐད་སོ་སོར་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོར་ཡང་དག་པར་རིག་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། རིག་པ་བཞི་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་རྒྱུ་དང་འབྲས་བུ་མཐའ་དག་མཁྱེན་པས་ཆོས་དང་། དེའི་དོན་བརྗོད་ཚུལ་དུ་མས་སྟོན་པས་ཚིག་དང་། ལྷ་ལ་སོགས་པ་སེམས་ཅན་གྱི་སྐད་མཁྱེན་པ་སྟོན་པས་སྐད་དང་། ཆོས་འཆད་པ་ན་འཁོར་ལ་མི་འཇིགས་པས་སྤོབས་པ་སོ་སོ་ཡང་དག་པ་རིག་པ་བཞི་སྟེ། མདོ་སྡེ་རྒྱན་ལས། རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་པ། །བློ་གྲོས་རྟག་ཐོགས་མི་མངའ་བའི། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །ཞེས་གསུངས་སོ། །

--

རིག་པ་བསམ་གཏན་གནས་པའི་ཆོས་དྲུག་

མིང་ཚིག

ཆོས་ལུགས། སྣང་ཚུལ་མ་འགགས་བཀྲ་ཡལ་སང་ངེ་བ། །ཤེས་པ་མ་རྨུགས་ཡེ་རེ་སིང་ངེ་བ། །འཕྲོ་རྒོད་མ་སྙོགས་རང་དྭངས་སིང་ངེ་བ། །འཕྲོ་རྒོད་མ་ཤོར་མཉམ་པར་ལྷན་ནེ་བ། ། རྨུགས་འཐིབས་མེད་པར་རང་ཤར་ལྷག་གེ་བ། །མཐའ་བཞིར་མ་བསྐྱོད་རང་བབས་ཕྱལ་ལེ་བ། །མཚན་ཉིད་དྲུག་ལྡན་གོལ་ས་མེད་པ་ཡིན། །

--

རིག་པ་བསྐྱེད་པ་

མིང་ཚིག

ཆོས་ཚན་འདིའི་གཞུང་དངོས་ལ་མཛད་འགྱུར་མི་གསལ་ཡང་། བུ་སྟོན་དང་། པེ་ཅིང་པར་མ་དང། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་དེ་དག་གི་མཛད་པ་པོ་“པཎྜི་ཏ་ཆེན་པ་ཏ་ཐཱ་ག་ཏ་རཀྵི་ཏ་”དང་། སྒྱུར་བ་པོ་ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་ཞེས་འཁོད། བསྟན་འགྱུར་རྒྱུད་ཤ་པར་བཞུགས།

--

རིག་པ་བྱང་ཆུབ་ཀྱི་སེམས་

མིང་ཚིག

ཆོས་ལུགས། སྔགས། ཨ་ནུ་ཡོ་ག རྙིང་མ། བྱང་ཆུབ་ཀྱི་སེམས་བཅུའི་ཡ་གྱལ་ཞིག་སྟེ། ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་སུ་ཤར་བའི་མགོ་གཡོ་བས་རིག་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ། སེམས་འདི་ནི་མཐར་ལམ་ས་བརྒྱད་པ་གནས་པས་མི་འགྱུར་བའི་སར་དཔེ་ཚེས་ལྔ་པའི་ཟླ་ཚེས་ལྟ་བུར་ཆོས་ཉིད་ཀྱི་དོན་རྟོགས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། དེ་ནི་གནས་སྐབས་བཅུ་ལས་རྟོག་ཆེན་ལ་ཕེབ་པའི་གནས་སྐབས་སུ་ཐོབ་པར་གསུངས་སོ། །

--

རིག་པ་བྱང་ཆུབ་ཀྱི་སེམས་བཅུ་

མིང་ཚིག

ཆོས་ལུགས། སྔགས། ཨ་ནུ་ཡོ་ག རྙིང་མ། ས་བཅུར་ཐོབ་པའི་བྱང་ཆུབ་ཀྱི་སེམས་བཅུ་དང་གཅིག་པ་ཡིན།

--

རིག་པ་མ་ཡིན་མ་རིག་པ་མ་ཡིན་པའི་རེག་པ་གཉིས་

མིང་ཚིག

ཆོས་ལུགས། སྐུ་གསུམ་འགྲེལ་པ་ལས་བྱུང་བ་སྟེ། དགེ་བ་ཟག་བཅས་ཀྱི་རེག་པ། སྒྲིབ་མིན་ལུང་མ་བསྟན་གྱི་རེག་པའོ། །

--

རིག་པ་མགོན་

མིང་ཚིག

དུས་རབས་བཅུ་པའི་སྟོད་དུ་པུ་རངས་སུ་ཡབ་སྐྱིད་ལྡེ་ཉི་མ་མགོན་དང་། ཡུམ་ཅོག་རོ་བཟའ་ཟངས་ཁ་མ་གཉིས་ཀྱི་སྲས་སུ་འཁྲུངས། མངའ་རིས་མང་ཡུལ་དང་། འབངས་གཞུ་ནག་བཙན། ཤར་རུ་ཐོག གསེར་ཁ་གོག་ལད་ཀྱི་བདེ་མཆོག་དཀར་པོ། མཚམས་ཀྱི་ར་བ་དམར་པོ། ཝམ་ལེ་ཡི་མིག་ཕ་བོང་གཡག་ལྡེར་རྡོ་བུག་པ་ཅན་ཡན་ཆད། བྱང་གསེར་ཁ་འགོག་པོ། ནུབ་ཁ་ཆེའི་ལ་བཅས་ལ་གཏོགས་པ་རྣམས་ལ་དབང་བསྒྱུར་ནས་ཆབ་སྲིད་བསྐྱངས། བཙུན་མོ་ཞིག་ཁབ་ཏུ་བཞེས་ཏེ་རིགས་སྲས་འགྲོ་མགོན་དང་། ཆོས་མགོན་གཉིས་ཀྱི་འཁྲུངས། རྒྱལ་རབས་གསེར་གྱི་ཕྲེང་བ་དང་། ལ་དྭགས་རྒྱལ་རབས་གཙོ་བོར་བཟུང་ནས་བཀོད་པ་ཡིན། བོད་ཀྱི་ལོ་རྒྱུས་སྟེང་དུ་གྲགས་པའི་སྟོད་ཀྱི་མགོན་གསུམ་ནང་གི་ཡ་གྱལ་ཞིིག་ཡིན།

--

རིག་པ་མཆོག་གི་རྒྱུད་

མིང་ཚིག

གསང་སྔགས་རྒྱུད་སྡེ་བཞིའི་གཟུངས་སྔགས་དང་སྙིང་པོ་བྱིན་རླབས་ཅན་རྣམས་ཕྱོགས་གཅིག་ཏུ་རིན་པོ་ཆེ་བུ་སྟོན་པས་བཀོད་པ་སྟོད་ན་བླ་མ་བརྒྱུད་པའི་མཚན་འབུམ་མང་པོ་དང་བཅས་པ་རྣམས་བཞུགས་པའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་ཨོཾ་པར་བཞུགས།

--

རིག་པ་ཚད་ཕེབས་ཀྱི་སྣང་བ་

མིང་ཚིག

ཆོས་ལུགས། རྫོགས་པ་ཆེན་པོ་ལྷུན་གྲུབ་ཐོད་རྒལ་སྐབས་ཀྱི་སྣང་བ་བཞིའི་ནང་གསེས། འོད་ཀྱི་ཐིག་ལེ་སྐུ་རུ་སྨིན་པ་རིག་པ་ཚད་དུ་ཕེབས་པས་སྐུ་གསུམ་རྟོགས་པའི་ལམ་སྣང་འདས་པའོ། །

--

རིག་པ་ཟབ་པོ་

མིང་ཚིག

དོན་གནད་ལ་བསམ་བློ་གཏིང་ཟབ་མོ་གཏོང་ཐུབ་པའམ། གཞན་གྱིས་དཔག་དཀའ་བའི་རིག་པ།

--

རིག་པ་འཆང་བའི་མཆོག་

མིང་ཚིག

ཆོས་ལུགས། ལྟ་གྲུབ། སྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་གཞན་སྟོང་པ། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ཅིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་སྔགས་ཀྱི་རིགས་དྲུག་ལ་གཟིགས་པས་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་བརྒྱད་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་(དོན་དམ་པའི)རིག་པ་འཆང་བའི་མཆོག་མཁའ་ཁྱབ་དང༌། ཞེས་གསུངས་སོ། །

--

རིག་པ་འཇིན་པའི་སྡེ་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་པའི་ཐབས་

མིང་ཚིག

1 ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་དྷརྨ་ཀཱིརྟིས་བསྒྱུར། བསྟན་འགྱུར་རྒྱུད་མུ་པར་བཞུགས།

2 རིག་པ་འཇིན་པའི་སྡེ་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་པའི་ཐབས། བསྟན་འགྱུར་རྒྱུད་མུ་པར་བཞུགས།

--

རིག་པ་འཛིན་པ་

མིང་ཚིག

ཆོས་ལུགས། ལྷ་སྔགས་བདེ་བ་ཆེན་པོའི་ཡེ་ཤེས་ནི་རིག་པ་ཡིན་ལ། དེ་ཉིད་ཐབས་ཟབ་མོས་འཛིན་པས་རིག་པ་འཛིན་པ་ཞེས་བྱ།

--

རིག་པ་འཛིན་པ་གསུམ་

མིང་ཚིག

ཆོས་ལུགས། རིག་འཛིན་གསུམ་དང་དོན་གཅིག་ཡིན་པས་དེར་ལྟོས།

--

རིག་པ་འཛིན་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་

མིང་ཚིག

གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།

--

རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ་

མིང་ཚིག

རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཛཱ་ཡ་སེ་ནའི་ཞབས་དང་། ལོཙྪ་བ་བཙུན་པ་དྷརྨ་ཡོན་ཏན་གྱིས་བསྒྱུར། བཀའ་འགྱུར་རྒྱུད་འབུམ་ག་པར་བཞུགས།

--

རིག་པ་འཛིན་པའི་ཐེག་པ་

མིང་ཚིག

ཆོས་ལུགས། སྔགས་སྤྱོད་པའི་ཆོ་གས་ཚེ་འདི་ཉིད་ལ་རིག་འཛིན་གྱི་འབྲས་བུ་ཐོབ་པར་བྱེད་པས་སྔགས་ཀྱི་ཐེག་པ་ལ་རིག་པ་འཛིན་པའི་ཐེག་པ་ཞེས་བྱའོ། །

--

རིག་པ་འཛིན་པའི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་

མིང་ཚིག

གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།

--

རིག་པ་འཛིན་པའི་དབང་ཕྱུག་

མིང་ཚིག

ལྷ་སྔགས་བདེ་བ་ཆེན་པོའི་ཡེ་ཤེས་ནི་རིག་པ་ཡིན་ལ། དེ་ཉིད་ཐབས་ཟབ་མོས་འཛིན་པའི་དབང་འབྱོར་བ་ལ་རིག་པ་འཛིན་པའི་དབང་ཕྱུག་ཅེས་བྱའོ། །

--

རིག་པ་འཛིན་པའི་ཡོན་ཏན་གྱི་ཁྱད་པར་བདུན་

མིང་ཚིག

ཆོས་ལུགས། ཏིང་ངེ་འཛིན་ལ་རྟག་ཏུ་གནས་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། ཞིང་སྣ་ཚོགས་སུ་འགྲོ་བའི་དོན་སྤྱོད་པ། འདོད་ཅིང་འཆུམས་པ་མེད་པ། འདོད་པ་མཐའ་ཡས་པ་ལ་བདེ་བ་རྒྱ་ཆེན་པོ་སྤྱོད་པ། ཚེའི་ཚད་ལས་བརྒལ་བ་སྟེ་འཆི་བ་མེད་པ། ཡིད་ཀྱི་ལས་པ་སྟེ་རླུང་སེམས་ཙམ་ལས་གྲུབ་པའོ། །

--

རིག་པ་འཛིན་པའི་རིམ་པར་ཕྱེ་བ་

མིང་ཚིག

དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ད་པར་བཞུགས།

--

རིག་པ་འཛིན་པའི་ལེའུ་

མིང་ཚིག

བཀའ་འགྱུར་རྒྱུད་འབུམ་ཚ་པར་བཞུགས།

--

རིག་པ་འཛིན་པའི་སྡེ་སྣོད་

མིང་ཚིག

ཆོས་ལུགས། སྔགས། རིག་པ་འཛིན་པའི་སྡེ་སྣོད་ནི་གསང་སྔགས་རྡོ་རྗེའི་ཐེག་པའི་སྡེ་སྣོད་དེ། ཡོན་ཏན་མཛོད་ཀྱི་དཀའ་འགྲེལ་ཉིན་བྱེད་སྣང་བ་ལས། རིག་པ་འཛིན་པའི་སྡེ་སྣོད་ཅེས་པའི་དོན་ནི། རིག་པ་བདེ་བར་གཤེགས་པའི་སྙིང་པོའི་ཆོས་ཉིད་བླ་མས་ངོ་སྤྲད་པ་དེ་ཉིད་མི་འབྲལ་བར་འཛིན་པའི་རིག་འཛིན་ནི་གསང་སྔགས་ཉམས་སུ་ལེན་པའི་གང་ཟག་རྣམས་ཡིན་ལ། དེ་དག་གིས་ཉམས་སུ་བླང་བྱའི་སྡེ་སྣོད་ཡིན་པས་ན་རིག་པ་འཛིན་པའི་སྡེ་སྣོད་དོ། །སྡེ་སྣོད་ཅེས་པའི་དོན་ནི། ཚིག་དོན་གྱི་སྡེ་ཚན་དུ་མའི་སྣོད་ཡིན་པས་ནས་སྡེ་སྣོད་དོ། །ཞེས་གསུངས་སོ། །

--

རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས་

མིང་ཚིག

ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་གིས་བསྒྱུར། བསྟན་འགྱུར་རྒྱུད་མུ་པར་བཞུགས།

--

རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བའི་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས་

མིང་ཚིག

ཆོས་ཚན་འདི་པེ་ཅིང་པར་དང་། སྣར་ཐང་ལ་བསྐྱར་ཟློས་སུ་འཁོད་པས། བསྟན་འགྱུར་དཔེ་བསྡུར་མ་ལ་དེ་དག་ལྷན་དུ་དཔེ་བསྡུར་བྱས་ཏེ། བསྡུར་མཆན་དུ་ཕྱི་མ་ལ་པེ་བསྐྱར་ཟློས་སྣར་བསྐྱར་ཟློས་ཞེས་བཀོད་ཡོད། བསྟན་འགྱུར་རྒྱུད་མུ་པར་བཞུགས།

--

རིག་པ་འཛིན་པའི་སྡེ་སྣོད་སོ་སོ་ནས་བསྡུས་པའི་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་

མིང་ཚིག

ཆོས་ཚན་འདི་པེ་ཅིང་པར་མ་དང། སྣར་ཐང་ལ་བསྐྱར་ཟློས་སུ་འཁོད་པས། བསྟན་འགྱུར་དཔེ་བསྡུར་མ་ལ་དེ་དག་ལྷན་དུ་དཔེ་བསྡུར་བྱས་ཏེ། བསྡུར་མཆན་དུ་ཕྱི་མ་ལ་པེ་བསྐྱར་ཟློས་སྣར་བསྐྱར་ཟློས་ཞེས་བཀོད་ཡོད། བསྟན་འགྱུར་རྒྱུད་མུ་པར་བཞུགས།

--

རིག་པ་འཛིན་པའི་སྤྱོད་པ་བཞི་

མིང་ཚིག

ཆོས་ལུགས། སྔགས། མ་ཧཱ་ཡོ་ག རྙིང་མ། རིག་པ་འཛིན་པའི་སྤྱོད་པ་བཞི་ནི། རྣམ་སྨིན་རིག་འཛིན་གྱི་སྤྱོད་པ་དང་། ཚེ་དབང་རིག་འཛིན་གྱི་སྤྱོད་པ་དང་། ཕྱག་རྒྱ་ཆེན་རིག་འཛིན་གྱི་སྤྱོད་པ་དང་། ལྷུན་གྲུབ་རིག་འཛིན་གྱི་སྤྱོད་པ་བཞི་སྟེ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། བདུན་པ་ལ་བཞི་ལས། རྣམ་སྨིན་རིག་འཛིན་གྱི་སྤྱོད་པ་ནི། དཀྱིལ་འཁོར་རོལ་པའི་ཚུལ་སྤྱོད་པ། །ཚོགས་གཉིས་རྫོགས་པ་བདག་གི་དོན། །ཞེས་པས་བདག་དོན་དང་། དམིགས་པ་ཕྲིན་ལས་རྫོགས་བྱེད་པ། །མི་འདོར་འགོད་པ་བཞིན་བྱའོ། །ཞེས་པས་གཞན་དོན་གྱི་སྤྱོད་པའོ། །ཚེ་དབང་གི་སྤྱོད་པ་ནི། ཀུན་ཏུ་འགྲོ་བ་བདག་གི་དོན། །ཞེས་པས་བདག་དོན་དང་། བཞི་ཡི་ཐོག་མས་དོན་སྤྱོད་པ། །མཁའ་ལ་སྤྱོད་པའི་རིགས་འཛིན་གནས། །ཞེས་པས་གཞན་དོན་གྱི་སྤྱོད་པའོ། །ཕྱག་རྒྱ་ཆེན་པོའི་སྤྱོད་པ་ནི། ལྷན་ཅིག་གནས་པས་སྒྲིབ་པ་སྦྱོང་། །ཞེས་པས་བདག་དོན་དང་། རྔོན་དང་སྨད་འཚོང་ལ་སོགས་ལ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་པས་གཞན་དོན་སྤྱོད་པའོ། །ལྷུན་གྲུབ་ཀྱི་སྤྱོད་པ་ནི། ཉིད་ཕྱིར་རྡོ་རྗེ་འཛིན་སོགས་པ། །སྐད་ཅིག་དུས་ཀྱི་བསླབ་རྫོགས་ནས། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །བཅོམ་ལྡན་འདས་པར་གྱུར་པ་ཡིན། །ཞེས་པས་བདག་དོན་དང་། ལ་ལར་ལྷུམས་ཞུགས་བལྟམས་པ་དང་། །ཁབ་དང་རྒྱལ་སྲིད་བཞེས་པ་དང་། །ཞེས་པས་གཞན་དོན་གྱི་སྤྱོད་པའོ། །ཞེས་གསུངས་སོ། །

--

རིག་པ་འཛིན་པའི་སྦྱོར་བའི་མན་ངག་ངེས་པའི་ལེའུ་

མིང་ཚིག

དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།

--

རིག་པ་འཛིན་མ་རྩེན་མའི་རྗེས་གནང་སྒྲུབ་ཐབས་

མིང་ཚིག

རྒྱ་གར་མཁན་པོ་ཛ་ཡ་ཞབས་དང་། བཙུན་པ་དར་མ་ཡོན་ཏན་གྱིས་བསྒྱུར། འགྱུར་བྱང་གི་རྗེས་སུ་“ལས་དང་པོ་པ་ཡིན་ཞིང་སྤྲོས་པ་ལ་དགའ་ན་ཨོཾ་ཤྲི་ཧེ་རུ་ཀ་ཞེས་པ་ནས་ཧྲི་ད་ཡཾ་ཞེས་པ་ཡན་ཆད་ཀྱི་སྔགས་ཀྱང་བཟླས། ཞེས་སོགས་ཚེག་ཁྱིམ་དགུ་བཅུ་གོ་བརྒྱད་བཞུགས་པའི་མཐར། མི་ཏྲི་བ། མ་ལ་བའི་པཎྜི་ཏ། བླ་མ་ཨ་ལོ་ཀེ་ཤྭ་ར་ས་པ་རི་ཨ་བ་མི་ཏྲི་དུ་ཏི་ཀ་མ་ལ་བཛྲ་ལི་ལ་ཡ་བཛྲ་ཁང་གསར་བ་སློབ་དཔོན་ལོ་ཙཱ་བ་དགེ་བསྙེན་གྲགས་པ་རྒྱལ་མཚན་བདག་གིས་ནོས་སོ། ། འདི་མན་ཆད་མེད་པས་གཏུབ་ཤཱཀྱ་རཀྵི་ཏ། ཀ་ན་ཀ་ཤི། ཛ་ཡ་ལེ་ན། ཕྱིས་རྒྱ་གར་དུ་བྱོན་ནས་བླ་མ་ཨ་ཉིད་ལ་གསན་ཕྱིས་མི་ཏྲི་བ་ཉིད་ཀྱི་སློབ་མ་ཀ་མ་ལ་བཛྲ་བྱ་བ་ལ་བླ་མ་ཁང་གསར་བས་གསན་ནོ། ། བསྟན་འགྱུར་རྒྱུད་ཞུ་པར་བཞུགས།

--

རིག་པ་འཛིན་མ་རྩེན་མའི་རྡོ་རྗེ་རྣལ་འབྱོར་མའི་རྗེས་སུ་གནང་བའི་ཆོ་ག་

མིང་ཚིག

མཁས་པ་ཆེན་པོ་རྒྱལ་བའི་སྡེ་མིང་གཞན་གྱི་ཁང་པ་གསར་པ་ཞེས་བྱ་བར་བརྗོད་པས་བྲིས། བསྟན་འགྱུར་རྒྱུད་འ་པར་བཞུགས།

--

རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་རེག་པ་

མིང་ཚིག

ཆོས་ལུགས། མདོ། མངོན་པ། མིག་གི་འདུས་ཏེ་རེག་པ་ལ་སོགས་པའི་རེག་དྲུག་དེ་དག་མཚུངས་པར་ལྡན་པའི་སྒོ་ནས་གསུམ་དུ་རབ་ཏུ་ཕྱེ་བའི་ནང་གསེས་ཤིག ཟག་མེད་དང་ཉོན་མོངས་པ་གཉིས་དང་མཚུངས་པར་མི་ ལྡན་པའི་རེག་པ་ལྷག་མ་རྣམས་ཏེ་དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན་ནོ། །

--

རིག་པ་ཡེ་ཤེས་ཀྱི་ཕུར་པ་

མིང་ཚིག

ཆོས་ལུགས། སྔགས། མ་ཧཱ་ཡོ་ག རྙིང་མ། རིག་པ་ཡེ་ཤེས་ཀྱི་ཕུར་པ་ནི། བཀའ་བརྒྱད་རྣམ་བཤད་ལས། དབྱིངས་སྤྲོས་པ་མེད་པ་དང་རིག་པ་རང་གསལ་གྱི་ཡེ་ཤེས་ཉིད་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་རང་ཤར་ཕྱོགས་རིས་མེད་པ་ནི་རིག་པ་ཡེ་ཤེས་ཀྱི་ཕུར་པའི་ངོ་བོ་སྟེ་དེས་ཆོས་ཐམས་ཅད་ལ་རྒྱས་བཏབ་པས་འཁྲུལ་པའི་སྣང་བ་ཐལ་འབྱིན་དུ་ཕུག་སྟེ་གཉིས་མེད་ཡེ་ཤེས་ཆེན་པོ་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །ཞེས་གསུངས།

--

རིག་པ་ཡེ་ཤེས་ཀྱི་ཕུར་པ་གསུམ་

མིང་ཚིག

ཆོས་ལུགས། སྔགས། མ་ཧཱ་ཡོ་ག རྙིང་མ། རིག་པ་ཡེ་ཤེས་ཀྱི་ཕུར་པ་གསུམ་ནི། བཀའ་བརྒྱད་རྣམ་བཤད་ལས། རིག་པ་ཡེ་ཤེས་ཀྱི་ཕུར་པ་ལ་གསུམ་སྟེ། དབྱིངས་ཀྱི་ཕུར་པ། ཡེ་ཤེས་ཀྱི་ཕུར་པ། གཉིས་སུ་མེད་པའི་ཕུར་པའོ། །ཞེས་གསུངས།

--

རིག་པ་རང་བཞིན་གྱི་དྲོད་

མིང་ཚིག

ཆོས་ལུགས། སྔགས། ཨ་ནུ་ཡོ་ག རྙིང་མ། དྲོད་རྟགས་དྲུག་གི་ཡ་གྱལ་ཞིག་སྟེ། རྣལ་འབྱོར་པས་སེམས་ཉིད་གསང་བའི་སྙིང་པོའི་དོན་ཇི་བཞིན་གོམས་པའི་དྲོད་རྟགས་སུ། གསང་སྔགས་ཀྱི་ལྟ་བ་རྟོགས་པའི་མཚན་མ་ཤར་བ་ལྟ་བུའོ། །

--

རིག་པ་རང་སྣང་ཡེ་ཤེས་ཀྱི་ངོ་སྤྲད་གདམས་ཡུལ་དབང་པོའི་དབྱེ་བ་ཉི་ཤུ་རྩ་གཅིག་

མིང་ཚིག

ཆོས་ལུགས། མདོ་རྒྱུུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་སྟེ། དེ་ལ་དབྱེ་ན་རབ་ཀྱི་བདུན་ནི། ༡ རབ་ཀྱི་ཐ་མ། ༢ རབ་ཀྱི་འབྲིང༌། ༣ རབ་ཀྱི་རབ། ༤ རབ་ཀྱི་ཕུལ། ༥ རབ་ཀྱི་མཆོག ༦ རབ་ཀྱི་རྩེ་མོ། ༧ རབ་ཀྱི་མཐར་ཕྱིན་པའོ། །འབྲིང་ལ་ཡང་བདུན་ཏེ། ༡ འབྲིང་གི་ཐ་མ། ༢ འབྲིང་གི་འབྲིང༌། ༣ འབྲིང་གི་རབ། ༤ འབྲིང་གི་ཕུལ། ༥ འབྲིང་གི་མཆོག ༦ འབྲིང་གི་རྩེ་མོ། ༧ འབྲིང་གི་མཐར་ཕྱིན་པའོ། །ཐ་མ་ལ་ཡང་བདུན་ཏེ། ༡ ཐ་མའི་ཐ་མ། ༢ ཐ་མའི་འབྲིང༌། ༣ ཐ་མའི་རབ། ༤ ཐ་མའི་མཆོག ༥ ཐ་མའི་ཕུལ། ༦ ཐ་མའི་རྩེ་མོ། ༧ ཐ་མའི་རྩེ་ཟིན་པ་བཅས་སོ། །

--

རིག་པ་རྣལ་དུ་འཇོག་པའི་རུ་དྲ་

མིང་ཚིག

ཆོས་ལུགས། སྔགས། ཨ་ནུ་ཡོ་ག རྙིང་མ། རུ་དྲ་ལྔའི་ཡ་གྱལ་ཞིག་སྟེ། དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ལས། དེ་ནི་རིག་པ་ཡེ་ཤེས་གསལ་བའི་ཡེ་ཤེས་སུ་ཤར་བས་སྐྱེས་བུ་རང་གི་མཚན་དཔེ་རང་ལ་ཡོད་པ་ངོ་མ་ཤེས་པ་མེ་ལོང་དུ་ཤར་ནས་གསལ་བར་མཐོང་བ་ལྟ་བུའོ། །ཞེས་དང་ལམ་སྲོང་ལས། ཆུ་ཡི་རླབས་ལྟར་ཐ་དད་མེད། །ཅིར་སྣང་རང་སེམས་སྐྱེ་མེད་ཅིང༌། །ངོ་བོ་མི་འགྱུར་བཅོས་སུ་མེད། །མཐུན་དང་མི་མཐུན་བྱུང་ཚོར་ནི། །རྒྱུ་རྐྱེན་གཉིས་པོ་དང་བྲལ་བར། །ངོ་བོ་མཐོང་བ་ཡེ་ཤེས་གསལ། །སྔ་ཕྱི་མེད་དེ་དེ་བཞིན་ཉིད། །ཅེས་པ་བཞིན་དེར་དབྱེ་ན་གསུམ། རང་བཞིན་མ་བཅོས་པར་རྣལ་དུ་འཇོག་པ། གནས་སྐབས་མི་འགྱུར་བར་རྣལ་དུ་འཇོག་པ། མཚན་ཉིད་མ་ལྟོས་པར་རྣལ་དུ་འཇོག་པའོ། །དེ་ཉིད་མདོ་དགོངས་པ་འདུས་པ་ལེའུ་ཉེར་དགུ་པ་ནས་སོ་གཅིག་པའི་བར་གྱིས་འཐོར་བུར་སྟོན་པར་དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ཏུ་གསུངས་སོ། །

--

རིག་པ་ལམ་གཞུག་གདམས་ངག་རྣམ་དྲུག་

མིང་ཚིག

ཆོས་ལུགས། སྐབས་སུ་རང་སྣང་མཐུན་པའི་རྐྱེན་གྲོགས་ལྟོས། །རང་སྣང་ཤེས་པས་ཉམས་མྱོང་གྲོགས་སུ་འཆར། །སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས། །འཁྲུལ་པ་ཞེན་ལོག་གནད་དུ་ཆེ་བ་ཡིན། །སྐབས་སུ་གྲོགས་དང་གཞན་གྱི་བླ་མ་ལྟོས། །བཟང་ངན་ཤེས་ན་ཉམས་ལེན་བསྐུལ་མ་ཡིན། །སྐབས་སུ་མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ལྟོས། ། སེམས་ཉིད་ངང་དུ་འབད་རྩོལ་ཞིག་པ་ཤེས། །སྐབས་སུ་རང་གི་ཡུལ་མཁར་ལོངས་སྤྱོད་ལྟོས། །སྒྱུ་མར་ཤེས་པས་འཁྲུལ་སྣང་ཞེན་པ་ལོག །སྐབས་སུ་གཞན་གྱི་མི་ནོར་ལོངས་སྤྱོད་ལྟོས། །སྙིང་རྗེར་ཤེས་པས་འཁོར་བའི་འདོད་བ་སྤོང༌། །མདོར་ན་སྣ་ཚོགས་སྣང་བའི་ཆོས་རྣམས་ལ། །རང་བཞིན་བརྟགས་པས་བདེན་ཞེན་འཁྲུལ་པ་འཇིག །ཅེས་སོ། །

--

རིག་པ་སྐྱེ་བ་བཅུ་

མིང་ཚིག

ཆོས་ལུགས། ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་ཆོས་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་ནི་རིག་པ་སྐྱེ་བའོ། །ཆོས་རྣམས་ལ་ཆགས་པ་མེད་པའི་རྣལ་འབྱོར་ནི་རིག་པ་སྐྱེ་བའོ། །ལྟ་བ་མ་ལོག་པ་ནི་རིག་པ་སྐྱེ་བའོ། །དབང་པོ་རྣམས་ལ་ཤེས་རབ་སྣང་བ་ནི་རིག་པ་སྐྱེ་བའོ། །རིག་པ་བརྩམས་པ་ལ་ཡང་དག་པར་སྦྱོར་བ་ནི་རིག་པ་སྐྱེ་བའོ། །ཡེ་ཤེས་མངོན་པར་རྟོགས་པར་བྱ་བའི་ཕྱིར། བདེན་པ་ལ་འཇུག་པ་ནི་རིག་པ་སྐྱེ་བའོ། །ལས་དང་ཉོན་མོངས་པ་ཟད་ཅིང་མི་སྐྱེ་བར་ཤེས་པ་ནི་རིག་པ་སྐྱེ་བའོ། །ཤེས་རབ་དང་ཡེ་ཤེས་ཀྱིས་རྣམ་པར་འབྱེད་པའི་ལྷའི་མིག་ནི་རིག་པ་སྐྱེ་བའོ། །སྔོན་གྱི་མཐའ་ནས་རྣམ་པར་སྦྱངས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་ནི་རིག་པ་སྐྱེ་བའོ། །མངོན་པར་ཤེས་པ་ཡོངས་སུ་སྦྱངས་པས་སེམས་ཅན་ལ་ལྟ་བའི་ཟག་པ་ཟད་པའི་ཡེ་ཤེས་ནི་རིག་པ་སྐྱེ་བའོ། །

--

རིག་པ་སྐྱེས་བུ་མཆོག་གི་ལེའུ་

མིང་ཚིག

དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།

--

རིག་པ་སྒྱུ་རྩལ་སྤྱོད་པ་

མིང་ཚིག

མངོན་བརྗོད། ན་ཚོད་དར་ལ་བབས་པའི་མིང༌།