མདོ་སྨད་

མིང་ཚིག

མདོ་ཁམས་ལ་སྟོད་སྨད་གཉིས་སུ་ཕྱེ་བའི་ནང་གི་སྨད་ཀྱི་ཆར་གཏོགས་པའི་ས་ཁོངས་ཏེ། ཤར་རྒྱུད་ནི་ས་སེར་མཐོ་སྒང་དང་། ལྷོ་རྒྱུད་ནི་ཁྲ་ལ་རི་བོ་དང་། ནུབ་རྒྱུད་ནི་གདང་ལ་རི་རྒྱུད་དང་། བྱུང་རྒྱུད་ནི་ཝུ་སའོ་རི་རྒྱུད་བཅས་ཀྱི་ནང་ཁོངས་ཀྱི་ས་ཆ་ལ་གོ་བ་དང་། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་ཡིན།

--

མདོ་སྨད་ཆུ་བོ་ཆེན་པོ་བཞི་

མིང་ཚིག

འབྲི་ཆུ་དང། རྒྱལ་མོའི་དངུལ་ཆུ། རྨ་ཆུ། ཙོང་ཆུ་དང་བཞིའོ། །

--

མདོ་སྨད་ཆོས་འབྱུང་

མིང་ཚིག

མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ཞེས་བྱ་བ་འདི་ནི། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས། རབ་བྱུང་བཅུ་བཞི་པའི་ཤིང་གླང་ཕྱི་ལོ་ ༡༨༦༥ བརྩམས་གྲུབ་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མར་ཤོག་གྲངས་དགུ་བརྒྱ་ཐམ་པ་ཡོད་ཅིང་། དེའི་ནང་དོན་ནི་མདོ་སྨད་ཀྱི་ཡུལ་གྲུ་ཁག་གི་དགོན་མ་ལག་སོ་སོར་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དང༌། གྲྭ་རྒྱུན་མང་ཉུང༌། ས་ཚིགས་རིང་ཐུང༌། འབྱོར་བའི་ཐོན་ཁུངས་སོགས་ཞིབ་ཏུ་བཤད་ཅིང༌། ཁྱད་པར་དུ་དབུ་ན་ཆོས་འབྱུང་རྒྱལ་རབས་རྣམ་གྲངས་དྲུག་བརྒྱ་ལྷག་ཙམ་གྱི་མཚན་བྱང་དང་རྩོམ་པ་པོའི་མཚན་བཀོད་ཡོད་དོ། །

--

མདོ་སྨད་རྫོང་ཆེན་བཞི་

མིང་ཚིག

པད་མོ་ཆོས་རྫོང་ངམ་ཕུ་ལ་ཡང་རྫོང་། བྲག་དཀར་སྤྲེལ་རྫོང་། ཨན་ཆུང་གནམ་རྫོང་། ཤ་རྫོང་ངོ་། །