བྱམས་པ་གླིང་

མིང་ཚིག

བོད་ཀྱི་དགོན་པའི་མིང༌སྟེ།

དཔེར་ན། ལྷོ་ཁ་གྲ་ནང་བྱམས་པ་གླིང༌། ཆབ་མདོ་བྱམས་པ་གླིང༌། ཨ་མདོ་སྐུ་འབུམ་བྱམས་པ་གླིང༌ལྟ་བུ།

--

བྱམས་པ་གླིང་སྐོར་

མིང་ཚིག

ཆོ་འཕྲུལ་སྨོན་ལམ་དང་དྲུག་པའི་སྨོན་ལམ་སྐབས་སུ་རྗེ་བཙུན་བྱམས་པའི་སྐུ་གླིང་སྐོར་དུ་གདན་འདྲེན་ཞུ་སྲོལ་ཡོད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག

དཔེར་ན། བྱམས་པ་གླིང་སྐོར་ལ་མཇལ་དུ་འགྲོ་ལྟ་བུ།