ཆོས་རྒྱལ་ཟླ་བ་བཟང་པོ་

མིང་ཚིག

རྒྱལ་པོ་འདི་ནི་བྱང་ཤམྦྷ་ལའི་རྒྱལ་པོ་ཉི་མ་འོད་དང་བཙུན་མོ་རྣམ་པར་རྒྱལ་བའི་སྲས་སུ་སྐུ་འཁྲུངས། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་གྲགས། རྒྱལ་པོ་འདིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་དུས་འཁོར་རྩ་རྒྱུད་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཞུས། རྒྱལ་པོ་འདི་དང་། འདིའི་སྲས་ས་སྙིང་སྤྲུལ་པ་རྒྱལ་པོ་ལྷ་དབང་། དེའི་སྲས་སྒྲིབ་སེལ་སྤྲུལ་པ་རྒྱལ་པོ་ཟླ་བ་བྱིན། དེའི་སྲས་རྨུགས་བྱེད་སྤྲུལ་པ་རྒྱལ་པོ་ལྷའི་དབང་ཕྱུག དེའི་སྲས་ཁེངས་བྱེད་སྤྲུལ་པ་རྒྱལ་པོ་སྣ་ཚོགས་གཟུགས། དེའི་སྲས་ནམ་སྙིང་སྤྲུལ་པ་རྒྱལ་པོ་ལྷའི་དབང་ལྡན་ལ་སྔོན་གྱི་ཆོས་རྒྱལ་བདུན་ཟེར་ཞེས་བཤད།