ཆོས་རྒྱལ་ཕུག་པ་

མིང་ཚིག

ལྷ་སའི་བྱང་ངོས་སུ་ཡོད་པའི་གནས་ཆེན་ཡེར་པའི་ཁོངས་སུ་ཡོད་ཅིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྒྲུབ་ཕུག་ཡིན། དེའི་ནང་རིག་འཛིན་ཀུ་མ་རས་བཞེངས་པའི་སྐུ་རྒྱུ་ཤར་ལི་ཡིན་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་དང་། དེའི་ཕྱག་ན་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་གསུང་བྱོན་ཡིན་ཟེར་བ་གཅིག་སོགས་མཇལ་རྒྱུ་ཡོད་པའི་སྒྲུབ་ཕུག་ཞིག་ཡིན།