གཏེར་སྲུང་

མིང་ཚིག

ཆོས་ལུགས། གྲུབ་བརྙེས་རྣལ་འབྱོར་པས་ཟབ་མོ་གཏེར་ཆོས་ཀྱི་ཕྲིན་ལས་སྤེལ་བ་དང་། བར་ཆད་ཟློག་པར་ཆེད་དུ་བཀའ་བསྒོས་གཉེར་དུ་གཏད་པའི་སྲུང་མའི་མིང་།

--

གཏེར་སྲུང་ཀླུ་བཙན་གྱི་གསོལ་མཆོད་ནོར་བུའི་ཕྲེང་བ་

མིང་ཚིག

ཆོས་ལུགས། ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་ཕྱི་ལོ་ ༡༨༨༥ ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་མཛད་པའི་གཏེར་སྲུང་ཀླུ་བཙན་རྡོ་རྗེ་འབར་བའི་གསོལ་མཆོད་ཅིག་སྟེ། ཁོང་གི་སྐུ་དུས་སུ་རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་ཀྱི་ཡིག་ཆ་མང་དུ་སྤེལ་བ་དང་། ཕྱིས་སུ་ཉེ་གནས་ལ་གཏེར་བདག་ཀླུ་བཙན་འཁྲུགས་པའི་རྨི་ལྟས་འཚུབས་ཆ་མང་པོ་བྱུང་བའི་རྐྱེན་བྱས་ཏེ། དེའི་གནོད་པ་བཟློག་པའི་ཆེད་དུ་མཛད་པ་ཞིག་ཡིན།

--

གཏེར་སྲུང་མཆོད་ཐབས་

མིང་ཚིག

ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་གཏེར་སྲུང་རྨ་རྒྱལ་གྱི་གསོལ་མཆོད་ཅིག

--

གཏེར་སྲུང་ཚེ་རིང་མཆེད་ལྔའི་གསོལ་མཆོད་

མིང་ཚིག

བཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་ཡོངས་འདུས་ལས། རིག་འཛིན་བདུད་འདུལ་རྡོ་རྗེས་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་གཏེར་སྲུང་ཚེ་རིང་མཆེད་ལྔའི་གསོལ་མཆོད།

--

གཏེར་སྲུང་ཚེ་རིང་མཆེད་ལྔའི་གསོལ་མཆོད་གྱི་རིམ་པ་

མིང་ཚིག

བཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། གཏེར་སྲུང་ཚེ་རིང་མཆེད་ལྔའི་གསོལ་མཆོད། རིག་འཛིན་བདུད་འདུལ་རྡོ་རྗེས་སྤྲེའུ་ལོ་སྤྲེའུ་ཟླ་བའི་ཚེས་བཅུ་ཉིན་ལ་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་གཏེར་ཆོས་ཤིག

--

གཏེར་སྲུང་ཚེ་རིང་མཆེད་ལྔའི་བཀའ་གཏད་སྲོག་དབང་

མིང་ཚིག

བཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་ཡོངས་འདུས་ལས། རིག་འཛིན་བདུད་འདུལ་རྡོ་རྗེས་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་གཏེར་སྲུང་ཚེ་རིང་མཆེད་ལྔའི་བཀའ་གཏད་སྲོག་དབང་།

--

གཏེར་སྲུང་ཚེ་རིང་མཆེད་ལྔའི་མངོན་རྟོགས་

མིང་ཚིག

བཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། གཏེར་སྲུང་ཚེ་རིང་མཆེད་ལྔའི་མངོན་རྟོགས། རིག་འཛིན་བདུད་འདུལ་རྡོ་རྗེས་སྤྲེའུ་ལོ་སྤྲེའུ་ཟླ་བའི་ཚེས་བཅུ་ཉིན་ལ་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་གཏེར་ཆོས་ཤིག